ཕྱི་རྒྱལ་གྱི་ཆབ་སྲིད་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་མཉམ་ལས་ལ་སྐུལ་འདེད་བཏང་ཡོད་པའི་ཚུལ་བསྟན།
2023.11.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་བཤམས་སྟོན་ཚོགས་འདུ་སྐབས་དྲུག་པ་དང་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཚེས་ལྔ་ཉིན་ཧྲང་ཧའེ་ནས་སྤེལ་མགོ་བརྩམས། ཚོགས་ཞུགས་ཀྱི་ཕྱི་རྒྱལ་གྱི་ཆབ་སྲིད་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་བཤམས་སྟོན་ཚོགས་འདུ་ནི་ཚོང་རྫས་ཉོ་ཚོང་བཤམས་སྟོན་ཚོགས་འདུ་ཞིག་ཡིན་པར་མ་ཟད། གསར་གཏོད་རང་བཞིན་ལྡན་པའི་ཀུན་འདུས་ཚོང་ར་དང་རིག་གནས་མཉམ་འདྲེས་ཀྱི་སྟེགས་བུ། རྒྱལ་སྤྱིའི་མཉམ་ལས་ཀྱི་དཔེ་མཚོན་གསར་བ་ཞིག་ཡིན། དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསར་གཏོད་དང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་དང་འཛམ་གླིང་ཉོ་ཚོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།