དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་མཁར་གྱི་ལྟེ་གནས་ས་ཁུལ་དུ་སླེབས་ཡོད་པའི་ཚུལ་བསྟན།
2023.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཅཱ་ལན་ཐི་ཡིས་ཚེས7ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ནས། དབྱི་སི་རལ་གྱི་ས་ངོས་དམག་དཔུང་ཅཱ་ཧྲ་མཁར་གྱི་ལྟེ་གནས་ས་ཁུལ་དུ་སླེབས་ཡོད་ཟེར། དབྱི་སི་རལ་གྱི་ས་ངོས་དམག་དཔུང་གིས་མཚོ་སྐམ་མཁའ་གསུམ་དམག་དཔུང་བར་རོགས་ལས་འཐབ་འཁྲུག་བྱས་པ་དང་། ལྷོ་ཕྱོགས་དང་བྱང་ཕྱོགས་ས་ཁུལ་ནས་ཅཱ་ཧྲ་མཁར་གྱི་ལྟེ་གནས་སུ་དཔུང་འཇུག་བྱས་པར་མ་ཟད། ཅཱ་ཧྲ་མཁར་གྱི་ཉེ་འཁོར་ས་ཁུལ་གྱི་བཀག་སྡོམ་ལ་ཤུགས་སྣོན་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།