ཨ་ཧྥུའུ་ཧན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས7ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པུའུ་ཨར་ནས་ཉིན་དེའི་དགོང་མོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉི་ཤུར་རྨས་ཕོག་ཟེར།
ཁཱ་པུའུ་ཨར་གྲོང་ཁྱེར་གྱི་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཀྲ་ཏི་ལན་གྱིས་སྨྱན་བྱད་ལ་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཁཱ་པུའུ་ཨར་གྱི་ཏཱ་ཧྲི་ཐི་ཨ་ཆི་སྲང་ལམ་ནས་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་འགས་གཏོར་བྱུང་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་མི་ཚང་མ་མི་སེར་དཀྱུས་མ་རེད་ཟེར།
མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།