ཧོང་ཏུ་ར་སིའི་ཕྱི་འབྲེལ་བློན་ཆེན་ལོས་ནཱ་ཡིས་ཚེས7ཉིན་བསྟན་དོན། ཨ་མེ་རི་ཁས་ཧོང་ཏུ་ར་སིའི་རྒྱལ་ཁབ་བདག་དབང་ལ་བརྩི་འཇོག་བྱེད་དགོས་པ་དང་། ཧོང་ཏུ་ར་སི་ཡིས་ཨ་མེ་རི་ཁའི་གྲོས་ཞུགས་གྲོས་མིས་ཉེ་སྔོན་ཧོང་ཏུ་ར་སིའི་ནང་སྲིད་ལ་ལུགས་མེད་ཀྱིས་སྐྱོན་འཛུགས་བྱས་པ་དང་ལེན་བྱེད་མི་སྲིད་ཟེར།
ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་མི་ལི་ཧྲི་ཡིས་ཚེས6ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཧོང་ཏུ་ར་སིའི་སྲིད་ཏང་གིས་ཉེ་སྔོན་གནས་སྐབས་ཀྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་བསྐོ་འཇོག་བྱེད་པའི་འབྲེལ་ཡོད་བྱེད་ཐབས་ལ་སྐྱོན་འཛུགས་བྱས་པ་དང་། ཧོང་ཏུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་ཡིས་ཧོང་ཏུ་ར་སིའི་དམངས་གཙོའི་ལམ་ལུགས་ལ་གཏོར་བརླག་བྱས་ཡོད་ཟེར།
ལོས་ནཱ་ཡིས་དྲ་ཐོག་ནས་དོན་དེར་ལན་འདེབས་སྐབས་བཤད་རྒྱུར། ཧོང་ཏུ་ར་སིའི་ཙུང་ཐུང་ངམ་སྲིད་འཛིན་སྡེ་ཁག་གིས་སྔོན་ཆད་ཀྱང་བཙན་ཤེད་ཀྱི་ཐབས་ལ་བརྟེན་ནས་འབྲེལ་ཡོད་ལས་རིམ་ལ་ཐེ་གཏོགས་བྱས་མྱོང་མེད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཧོང་ཏུ་ར་སིའི་རྒྱལ་ཁབ་བདག་དབང་ལ་བརྩི་འཇོག་བྱས་ཏེ། ཧོང་ཏུ་ར་སིའི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་རེ་འགར་ཡང་བསྐྱར་ནོར་འཆུག་གི་ལམ་སྟོན་བྱེད་པར་སྔོན་འགོག་བྱེད་དགོས་ཟེར། ཁོས་ད་རུང་ཨ་མེ་རི་ཁ་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་ང་ཚོའི་ནང་སྲིད་ཁྲོད་ནས་ཁྱོད་ཚོའི་ནང་སྲིད་ཀྱི་གཡོ་ཐབས་དེ་འདྲ་སྤྱོད་མི་རུང་བའི་ཉེན་བརྡ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།