དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བརྒྱད་ཉིན་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་འགས་གཏོར་བཏང་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཚོན་ཆའི་བཟོ་སྐྲུན་སྡེ་ཁག་གི་མཐོ་རིམ་གཙོ་གཉེར་དཔོན་པོ་བསད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བདུན་ཉིན་གྱི་དགོང་མོར་འཇབ་རྒོལ་བྱས་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་འགའ་བསད། གསང་འཕྲིན་ལྟར་ན། འདས་པོའི་གྲས་སུ་ཧཱ་མཱ་སིའི་མཚོན་ཆའི་བཟོ་སྐྲུན་སྡེ་ཁག་གི་འགན་ཁུར་བ་ཨ་པུའུ་ཆི་ནཱ་ཡོད་ཟེར། བསྒྲགས་པ་ལྟར་ན་ཁོ་ནི་ཧཱ་མཱ་སིའི་མཚོན་ཆའི་བཟོ་སྐྲུན་སྡེ་ཁག་གི་གཙོ་གཉེར་མགོ་ཁྲིད་པ་ཡིན་པར་མ་ཟད། ཧཱ་མཱ་སིའི་འཐབ་ཇུས་མཚོན་ཆ་དང་མེ་ཤུགས་འཕུར་མདའ་གསར་སྤེལ་བྱེད་པའི་ཆེད་མཁས་པ་ཡིན་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།