ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་དགུ་བསད་ཡོད་ཟེར།
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅེ་ཉིང་གི་ཡུལ་གྱར་པའི་སྒར་སར་དམག་དོན་འགུལ་སྐྱོད་སྤེལ་ཏེ་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱུང་། མིག་སྔར་འཁྲུག་རྩོད་ད་རུང་མཚམས་བཞག་མེད་ཟེར།
ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་མི་དགུ་ཐེངས་འདིའི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་ལས་གཞན། ཕཱ་ལེ་སི་ཐན་གྱི་མི་བཅོ་ལྔར་རྨས་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བྱང་ཕྱོགས་ས་ཁུལ་དུ་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར་ཡང་། གསལ་སྒྲོག་ལས་དེའི་བྱེ་བྲག་གི་ནང་དོན་ཞིབ་ཏུ་བཤད་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།