ཕཱ་ལེ་སི་ཐན་གྱི་ཅེ་ཧཱ་ཏི་ཡིས་བཀག་འཇུག་བྱས་པའི་མི་གཉིས་ཕྱིར་གཏོང་རྩིས་ཡོད་པ་ཁྱབ་བསྒྲགས་བྱས།
2023.11.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གིས་ཚེས་དགུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། མི་ཆོས་རིང་ལུགས་ལ་བསམ་བློ་བཏང་ནས་བཀག་འཇུག་བྱས་པའི་མི་གཉིས་ཕྱིར་གཏོང་རྩིས་ཡོད་པ་ཁྱབ་བསྒྲགས་བྱས་པ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱིར་གཏོང་རྩིས་ཡོད་པའི་མི་དེ་གཉིས་ནི་བུད་མེད་ཅིག་དང་ལོ་ཆུང་བྱིས་པ་ཞིག་ཡིན་ལ། ལྷ་མཁར་སྟོང་ཤོག་གིས་བདེ་འཇགས་ཆ་རྐྱེན་བཟང་བའི་གནས་ཚུལ་འོག་མི་དེ་གཉིས་ཕྱིར་གཏོང་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཀག་འཇུག་བྱས་པའི་མི་དེ་གཉིས་རྒྱལ་ཁབ་གང་གི་ཡིན་པ་གསལ་བཤད་བྱས་མེད།

དབྱི་སི་རལ་གྱི་དམག་ཕྱོགས་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་མི་དེ་གཉིས་ཕྱིར་བཏང་མིན་གྱི་གནད་དོན་ཐད་ནས་བསམ་ཚུལ་ཅི་ཡང་བསྟན་མེད་པ་དང་། ལྷ་མཁར་སྟོང་ཤོག་གི་འབྲེལ་ཡོད་གསལ་སྒྲོག་དེ་ནི་སེམས་ཁམས་ཀྱི་འཐབ་མོ་ཙམ་རེད་ཟེར།

ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་ཁཱ་སིང་སྟོང་ཤོག་གིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་ལས་བཀག་འཇུག་བྱས་པའི་བུད་མེད་དམག་མི་གཅིག་རྐྱེན་ལམ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།