ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་འདོན་སྤྲོད་བྱས་པའི་སྐོར་ཐེངས་བཞི་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དེ་ཨེ་ཅིབ་ཏུ་བསྐྱལ་ཡོད་ཟེར།
བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱི་མཛུབ་སྟོན་ལྟར། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་ཏུན་ཉེར་ལྔ་དྲུད་པའི་དབྱེ་ཨར-76རྟགས་ཅན་གྱི་ཆེད་བཏང་གནམ་གྲུ་ཉིན་དེའི་ཞོགས་པར་ཁཱ་ཧྲན་གནམ་གྲུ་ཐང་ནས་འཕུར་ནས་ཨེ་ཅིབ་དུ་འཕུར། སྐོར་ཐེངས་འདིའི་རྒུད་སྐྱོབ་དངོས་རྫས་ནང་ཟས་རིགས་དང་མི་སྒེར་གྱི་འཕྲོད་བསྟེན་མཁོ་དངོས། ལྭ་བ། ཁྱེར་བདེའི་ཐབ་ཀ ཉལ་ཐུལ་སོགས་འདུས། མིག་སྔར་འབྲེལ་ཡོད་ཀྱི་རྒུད་སྐྱོབ་དངོས་རྫས་དག་ཨེ་ཅིབ་ཀྱི་ཟླ་གསར་དམར་པོ་ཚོགས་པའི་འཐུས་མིར་བརྒྱུད་སྤྲོད་བྱས་ཡོད་པ་དང་། ཨེ་ཅིབ་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་ལ་སྟེར་རྒྱུ་རེད།
དེའི་སྔོན་ཨུ་རུ་སི་ཡིས་ཟླ་བཅུ་བའི་ཚེས་བཅུ་དགུ་དང་ཟླ་བཅུ་གཅིག་པའི་ཚེས་གསུམ། ཟླ་བཅུ་གཅིག་པའི་ཚེས་ལྔ་བཅས་ལ་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱས་ཡོད་ལ། དེའི་ནང་ཟས་རིགས་དང་སྨན་རྫས་སོགས་འདུས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།