མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས་ཞེ་གཉིས་པའི་ཚོགས་ཆེན་ནས་ཚེས་དགུ་ཉིན་གྲོས་ཆོད་བཀོད་དེ། ཀྲུང་གོའི་ཧྲང་ཧེ་ནས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཚན་རིག་དང་ལག་རྩལ། བཟོ་སྐྲུན། གྲངས་རིག་བཅས་ཀྱི་སློབ་གསོའི་ཞིབ་འཇུག་ཁང་འཛུགས་རྒྱུ་ཐག་བཅད་པ་རེད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རིགས་དང་པོའི་ལྟེ་གནས་ཐོག་དང་པོར་ཀྲུང་གོ་ནས་བཙུགས་པ་ཡིན་ལ། ཞིབ་འཇུག་ཁང་དེའི་ལས་འགན་གཙོ་བོ་ནི་ཚན་རིག་དང་ལག་རྩལ། བཟོ་སྐྲུན། གྲངས་རིག་བཅས་ཁྱབ་ཁོངས་ཀྱི་བྱིས་པ་ནས་མི་དར་མའི་དུས་རིམ་སོ་སོའི་བར་གྱི་དཀྱེལ་ཡངས་དང་འདྲ་མཉམ། སྤུས་ལེགས་ཀྱི་དམངས་ཡོངས་ཀྱི་སློབ་གསོར་སྐུལ་འདེད་གཏོང་རྒྱུ་དེ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།