ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས11ཉིན་དག་འབུད་བྱས་དོན། ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་ཞི་ཧྥ་རུ་བྱིས་པ་སོ་དགུ་གློག་ཆད་དེ་དབྱང་དབུགས་མེད་པའི་དབང་གིས་འཆི་བའི་ཉེན་ཁར་འཕྲད་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཀྲང་ཁའེ་ལཱ་ཡིས་ཉིན་དེའི་སྔ་དྲོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བྱིས་པ་དེ་དག་ལ་དབྱང་དབུགས་མེད་པའི་དབང་གིས་ཤི་སོང་ཞེས་བཤད་ཟེར། འཕྲོད་བསྟེན་པུའུ་ཡིས་དེའི་རྗེས་སུ་སྨྱན་བྱད་ལ་དག་འབུད་བྱས་དོན། ཁའེ་ལཱ་ཡིས་བརྗོད་པའི་ནང་དོན་ནི་འཆི་བའི་ཉེན་ཁར་འཕྲད་ཡོད་པའི་དོན་རེད་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། མིག་སྔར་ཞི་ཧྥ་སྨན་ཁང་ལ་གློག་ཆད་ནས་ཞབས་ཞུ་མཚམས་བཞག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།