ཨར་ཅི་རི་ཡཱའི་ཙུང་ཐུང་གིས་ཙུང་ལི་གསར་བ་བསྐོ་འཇོག་བྱས།
2023.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཚེས11ཉིན་ཨ་ཨར་པཱ་ཝེ་ཙུང་ལི་གསར་བར་བསྐོ་འཇོག་བྱས།

ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། ཐི་པིན་གྱིས་ཉིན་དེར་ཨ་ཨར་པཱ་ཝེ་ཙུང་ལིར་བསྐོ་འཇོག་བྱས་ནས། ཨ་པུའུ་ཏུའུ་ལཱ་ཧི་མན་གྱི་ཚབ་བྱེད་དུ་བཅུག་ཟེར།

གསལ་སྒྲོག་ལས་ཐི་པིན་གྱིས་ཙུང་ལི་གསར་བ་བསྐོ་འཇོག་བྱེད་པའི་རྒྱུ་རྐྱེན་གསལ་བོར་གླེང་མེད།

ཨ་ཨར་པཱ་ཝེ་ཡིས་སྔོན་ཆད་ཨར་ཅི་རི་ཡཱའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་དང་། ཙུང་ཐུང་བཞུགས་ཤག་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་སོགས་ཀྱི་འགན་ཁུར་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།