སོ་ཏི་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2023.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

སོ་ཏི་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ཚེས10ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་བསྡུས། གྲོས་ཚོགས་ནས་ངེས་པར་དུ་དབྱི་སི་རལ་གྱི་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དེའི་ཞོར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་གཞིར་བཟུང་ནས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་ཟེར།

སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚོགས་ཞུགས་ཕྱོགས་ཁག་སོ་སོས་མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་སྐབས་ལེ་ཡཱ་ཏིའི་བསྒྲགས་གཏམ་སྤེལ་ནས། དབྱི་སི་རལ་གྱི་བཙན་བཟུང་མཇུག་སྒྲིལ་བ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་རྒྱུན་ལྡན་ངང་བྱ་བ་སྤེལ་བར་འགན་སྲུང་བྱེད་དགོས་ཟེར།

མཐོ་རིམ་གྲོས་ཚོགས་ནས་ད་རུང་སོ་ཏི་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བར་གྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། འཇིགས་སྐུལ་ངོ་རྒོལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས། སོ་ཏི་ཨ་རབ་ཀྱིས་རྒྱལ་བོ་སཱ་ལེ་མན་གྱི་འཕེལ་རྒྱས་གྲོས་འགོ་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ལོ་ངོ་བཅུའི་ནང་ཨ་ཧྥེ་རི་ཁ་གླིང་དུ་བསྡོམས་པས་མེ་སྒོར་ཐེར་འབུམ་གཅིག་གི་འཕེལ་རྒྱས་ལས་གཞི་དང་འཆར་གཞི་ལག་བསྟར་བྱ་རྒྱུ་རེད།

ཨེ་ཙེ་ཨོ་ཕི་ཡཱ་དང་ནེ་ཀྲི་རི་ཡཱ། མའོ་ལི་ཐཱ་ནི་ཡཱ། པའོ་ཚི་ཝ་ནཱ། ཀྲ་ཏི་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གི་མགོ་གཙོ། སྲིད་གཞུང་གི་མགོ་བ། མཐོ་རིམ་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།