2023ལོའི་ཞི་བདེའི་མཛའ་བརྩེ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།
2023.11.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ11ཚེས13ཉིན། 2023ལོའི་ཞི་བདེའི་མཛའ་བརྩེ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོ་ཀོང་ཏུང་ཧྲིན་ཅང་ནས་སྤེལ།

ཟླ11ཚེས13ཉིན། 2023ལོའི་ཞི་བདེའི་མཛའ་བརྩེ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོ་ཀོང་ཏུང་ཧྲིན་ཅང་ནས་སྤེལ།

2023ལོའི་ཞི་བདེའི་མཛའ་བརྩེ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཚེས13ཉིན་གྱི་སྔ་དྲོར་ཀོང་ཏུང་ཧྲིན་ཅང་ནས་སྤེལ་མགོ་བརྩམས། ཀྲུང་གོ་དང་ཁམ་ཕུ་ཀྲེ། ལའོ་ཝའོ། མཱ་ལེ་ཞི་ཡཱ། ཐེ་གོ། ཡོ་ནན་བཅས་རྒྱལ་ཁབ་དྲུག་གི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་མགོ་རྩོམ་པའི་མཛད་སྒོར་ཞུགས།

2023ལོའི་ཞི་བདེའི་མཛའ་བརྩེ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱིས་མཉམ་འབྲེལ་གྱིས་འཇིགས་སྐུལ་ངོ་རྒོལ་དང་མཚོ་ཐོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་དམག་དོན་འགུལ་སྐྱོད་བརྗོད་སྙིང་དུ་བྱས་ཡོད་ཅིང་། སྐམ་ས་དང་མཚོ་ཐོག་ཕྱོགས་གཉིས་སུ་དགར་ཡོད་པ་དང་། ཡན་ལག་རུ་ཁག་རྩ་འཛུགས་བྱས་ནས་མཉམ་འབྲེལ་སྦྱོང་བརྡར་དང་མཉམ་འབྲེལ་གྱིས་དམག་དོན་སྦྱོང་བརྡར་ལ་བཀོད་འདོམ་བྱེད་པ། སྐམ་མཚོ་མཁའ་གསུམ་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་བཅས་སྤེལ་རྒྱུ་ཡིན་ལ། དམིགས་ཡུལ་ནི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཕྱོགས་ཁག་སོ་སོའི་གྲོང་ཁྱེར་གྱི་འཇིགས་སྐུལ་ངོ་རྒོལ་དང་མཚོ་ཐོག་གི་འཇིགས་སྐུལ་ངོ་རྒོལ། མཚོ་ཇག་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོག་ནས་དམག་དོན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་རེད།

རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་ཐོག་དང་པོར་ཀྲུང་གོ་ནས་དམག་དོན་སྦྱོང་བརྡར་རིགས་དེ་འདྲ་སྤེལ་བ་ཡིན་པར་མ་ཟད། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་ཆེས་མང་བའི་ཐེངས་ཤིག་ཀྱང་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།