ལྷད་མེད་གསར་གཏོད་དང་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས་ཅིག་ཅིན་ཧྲན་ནས་སྤེལ།
2023.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ནུས་ཁུངས་ལྟེ་གནས་དང་། ཨ་མེ་རི་ཁ་དང་ཀྲུང་གོའི་ལྷད་མེད་ནུས་ཁུངས་སྐུལ་འདེད་ཚོགས་པས་མཉམ་དུ་གཙོ་སྒྲུབ་བྱས་པའི་ལྷད་མེད་གསར་གཏོད་དང་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས་ཚེས་བཅུ་གསུམ་ཉིན་ཅིག་ཅིན་ཧྲན་ནས་སྤེལ། ཚོགས་ཞུགས་མཁན་གྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཐཱན་ཉུང་གཏོང་བརྒྱུད་རིམ་ཁྲོད་ཀྱི་གསར་གཏོད་སྲིད་ཇུས་དང་ལག་རྩལ་མཉམ་སྤྱོད་བྱས་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་གསར་གཏོད་ཐབས་ལམ་དང་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱས།

ཐེངས་འདིའི་གླེང་སྟེགས་ནི་ཉིས་སྟོང་ཉེར་གསུམ་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྩ་འཛུགས་ཀྱི་གྲོས་ཚོགས་སྐབས་སྐཡི་བྱ་འགུལ་གལ་ཆེན་ཞིག་ཡིན་པ་དང་། འབྲེལ་ཡོད་ཀྱི་མཁས་པ་དང་སྲིད་གཞུང་གི་དཔོན་རིགས། དག་གཙང་ནུས་ཁུངས་ཁེ་ལས་ཀྱི་འཐུས་མི་བཅས་མི་ཉིས་བརྒྱ་ཙམ་གླེང་སྟེགས་ལ་ཞུགས།

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་ཀྲུའུ་རིན་ལེ་པེ་ཁཱ་མཱ་ལེ་ཡཱ་ཡིས་ཞུ་ཚིག་འབུལ་སྐབས། ནུས་ཁུངས་འཕར་བསྒྱུར་གྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཐད་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།