མཱ་ལིའི་དྲག་ཆས་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། དྲག་ཆས་དམག་དཔུང་གིས་ཉིན་དེར་དུས་ཡུན་རིང་བོར་ཐུའུ་ཨ་ལོས་ཀི་དྲག་ཆས་ཉེས་ཅན་གྱིས་ཚོད་འཛིན་བྱེད་པའི་བྱང་ཕྱོགས་ཀྱི་འཐབ་ཇུས་གྲོང་རྡལ་གཙོ་བོ་ཅི་ཏཱ་ཨར་བཙན་བཟུང་བྱས་ཡོད་ཟེར།
མཱ་ལིའི་དྲག་ཆས་དམག་དཔུང་གིས་ས་དེའི་སྡོད་དམངས་ཀྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་བ་དང་། བྱེད་ཐབས་གང་རུང་སྤྱད་ནས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན། མཱ་ལིའི་བར་བརྒལ་སྲིད་གཞུང་གི་ཙུང་ཐུང་ཀི་དབྱེ་ཐཱ་ཡིས་ཀྱང་ཉིན་དེར་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།