ཙེམ་པབ་ཝེའི་གྲོང་ཁྱེར་ཆེན་མོ་གཉིས་པའི་ཉེ་འདབས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར།
2023.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཙེམ་པབ་ཝེའི་གྲོང་ཁྱེར་ཆེན་མོ་གཉིས་པ་པུའུ་ལཱ་ཝ་ཡའོ་ཉེ་འདབས་ས་ཁུལ་དུ་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག

ཙེམ་པབ་ཝེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས་བཅུ་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བཅུའི་ཡས་མས་སུ། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་དངོས་སྐྱེལ་རླངས་འཁོར་ཆེ་བ་ཞིག་པུའུ་ལཱ་ཝ་ཡའོ་ནས་པེད་ཐི་པུའུ་ལི་ཆིའི་བར་གྱི་གཞུང་ལམ་སྟེང་ཐོ་བརྒྱབ་སྟེ། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་དང་བཅས་པའི་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དངོས་སྐྱེལ་རླངས་འཁོར་སྟེང་གི་མི་གཉིས་ལ་རྨས་ཕོག་ཟེར།

ཙེམ་པབ་ཝེའི་རྒྱལ་ཁབ་ཉེན་རྟོག་དམག་དཔུང་གི་མགྲིན་ཚབ་པ་ནེ་ཡཱ་ཏིས་ཀྱིས་དོན་རྐྱེན་དེ་བདེན་དཔང་བྱས་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།