ཟླ11ཚེས14ཉིན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་ཉོ་ཚོང་འཐུས་མི་ཏའེ་ཆི་ཡིས་མཉམ་དུ་ཅིག་ཅིན་ཧྲན་ནས་སྤེལ་བའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་མགོ་འཛིན་བྱས།
ཟླ11ཚེས14ཉིན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་ཉོ་ཚོང་འཐུས་མི་ཏའེ་ཆི་ཡིས་མཉམ་དུ་ཅིག་ཅིན་ཧྲན་ནས་སྤེལ་བའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་མགོ་འཛིན་བྱས།
འདི་ནི་ཟླ11ཚེས14ཉིན་ཅིག་ཅིན་ཧྲན་ནས་པར་བླངས་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་ཡུལ་དངོས་རྣམ་པ་རེད།
ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚེས14ཉིན་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་ནས་བསྡུས། གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཚོགས་ཞུགས་མཁན་གྱིས་གཙོ་བོ་རྒྱུད་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བྱེད་ཐབས་གསར་བར་གྲོས་བསྡུར་བྱེད་རྒྱུ་རེད།
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་སྔར་བཞིན་དཔལ་འབྱོར་ཐད་ཀྱི་འགྲན་རྩོད་མང་བོར་འཕྲད་ཡོད་པ་དང་། དཔལ་འབྱོར་ཚོགས་ཁག་སོ་སོའི་ནང་ཁུལ་དང་ཕན་ཚུན་བར་གྱི་འདྲ་མཉམ་མིན་པའི་སྣང་ཚུལ་གྱིས་ས་ཁུལ་ཧྲིལ་བོའི་འཕེལ་རྒྱས་ལ་བཀག་རྒྱ་བཟོས་ཡོད་ལ། སྔར་ལས་བབ་བསྟུན་རང་བཞིན་ལྡན་པ་དང་རྒྱུན་མཐུད་ཐུབ་པ། སྔར་ལས་གཅིག་འབྲེལ་གཅིག་བརྟེན་གྱི་མ་འོངས་པ་འཛུགས་སྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ཏའེ་ཆི་ཡིས་བསྟན་དོན། ཉམ་ཞན་གྱི་མཁོ་འདོན་མུ་འབྲེལ་དང་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་འདྲ་མཉམ་མིན་པའི་སྣང་ཚུལ། ཇེ་སྡུག་ཏུ་འགྲོ་བཞིན་པའི་ནམ་ཟླའི་ཉམས་ཉེན། ས་ཁུལ་བར་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་སོགས་ཀྱིས་འཇིགས་ཉེན་འབྱུང་བཞིན་ཡོད་ཀྱང་། དེས་ཀྱང་ཕྱོགས་སོ་སོས་ད་ལྟའི་གནས་བབ་ལ་དཔྱད་འཇོག་བྱེད་པ་དང་གསར་གཏོད་རང་བཞིན་ལྡན་པའི་བསམ་གཞིགས་གཏོང་བའི་གོ་སྐབས་འདོན་སྤྲོད་བྱས་ཡོད་པས། སྟོབས་ཤུགས་གཅིག་ཏུ་དྲིལ་ནས་མཉམ་དུ་བབ་བསྟུན་རང་བཞིན་ལྡན་ཞིང་རྒྱུན་མཐུད་ཐུབ་ལ། དཀྱེལ་ཡངས་ཆེ་བའི་མ་འོངས་པ་མཉམ་དུ་འཆར་འགོད་བྱེད་དགོས་ཟེར།
ཚོགས་ཞུགས་མཁན་གྱིས་ད་རུང་བཅོས་ཉོ་ཚོང་དང་དངུལ་གཏོང་གི་སྲིད་ཇུས་བཅོས་བསྒྱུར་བྱེད་པར་ཕན་པའི་སྲིད་ཇུས་འདེགས་ཤིང་ལ་གྲོས་བསྡུར་བྱས་ནས། དེར་རྒྱུན་མཐུད་རང་བཞིན་དང་དཀྱེལ་ཡངས་རང་བཞིན་ལྡན་པར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།