མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་མི་ཆོས་ཀྱི་སེམས་ཁུར་གཅིག་ཏུ་འདུས་ཤིང་བྱིས་པར་སྲུང་སྐྱོབ་བྱེད་པ་འབུར་དུ་ཐོན་པའི་གྲོས་ཆོད་ཅིག་ལ་གྲོས་མཐུན་བཀོད།
གྲོས་ཆོད་ལས་ཅཱ་ཧྲ་ས་ཁུལ་ཧྲིལ་བོར་བྲེལ་མྱུར་གྱིས་ཉིན་གྲངས་མང་བའི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། གཞི་རྩའི་མཁོ་དངོས་དང་ཞབས་ཞུ་འདོན་སྤྲོད་བྱེད་པར་སྟབས་བདེ་བཟོ་བ་དང་། བྲེལ་མྱུར་གྱི་རྒུད་སྐྱོབ་དང་སླར་གསོའི་བྱ་བ་སྤེལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི་ཡིན་པའི་ཆ་ནས་གྲོས་ཚོགས་ལ་མགོ་འཛིན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།