ཧིན་རྡུ་ཉི་ཞི་ཡཱའི་མཁའ་དམག་གི་གནམ་གྲུ་གཉིས་སར་ལྷུང་ནས་མི་བཞི་རྐྱེན་ལམ་དུ་ཤོར།
2023.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཧིན་རྡུ་ཉི་ཞི་ཡཱའི་མཁའ་དམག་གི་གནམ་གྲུ་གཉིས་ཚེས་བཅུ་དྲུག་ཉིན་བཀྲ་ཝ་ཤར་མ་ཞིང་ཆེན་གྱི་ཡན་ཝང་གྲོང་ཁྱེར་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཞི་བོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་མཁའ་དམག་གི་གསར་འགྱུར་ཁྲུའུ་ཡི་འགན་ཁུར་བ་སཱ་སུང་ཁི་ཅཱ་ཏིས་ཀྱིས་བསྟན་དོན། ས་དེའི་དུས་ཚོད་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཞེ་གསུམ་ཡས་མས་སུ། དམག་དོན་གནམ་གྲུ་གཉིས་ཀྱིས་རྒྱུན་ལྡན་གྱི་རུ་སྒྲིག་འཕུར་སྐྱོད་སྦྱོང་བརྡར་བྱེད་སྐབས་པུའུ་ལོ་མའོ་མེ་རིར་ཐོ་བརྒྱབ་སྟེ་འགས་གཏོར་བྱུང་བ་ཡིན་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།