དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ནུབ་ཕྱོགས་ས་ཁུལ་ཡོངས་སུ་བཙན་བཟུང་བྱས་ཡོད་པའི་ཚུལ་བསྟན།
2023.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ11ཚེས16ཉིན་སྤེལ་བའི་འདྲ་པར་འདི་ལས་མངོན་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་ནུབ་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ11ཚེས16ཉིན་སྤེལ་བའི་འདྲ་པར་འདི་ལས་མངོན་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་ནུབ་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ནུབ་ཕྱོགས་ས་ཁུལ་བཙན་བཟུང་བྱས་ཡོད་པ་དང་། དུས་རིམ་རྗེས་མའི་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཅཱ་ལན་ཐི་ཡིས་ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་བཀོད་འདོམ་ལྟེ་གནས་ཤིག་ལ་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མིག་སྔར་གནད་ལ་འཁེལ་བ་དང་། གདམ་གསེས་ཡོད་ལ་བློ་ཐག་རྦད་ཆོད་ཀྱིས་དམག་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་སྔར་བཞིན་ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་ཞི་ཧྥ་རུ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་སྒྲིག་ཆས་སྔོག་བཤེར་བྱེད་བཞིན་ཡོད་ལ། དེའི་ནང་སྨན་ཁང་གི་ས་འོག་སྒྲིག་ཆས་གལ་ཆེན་སོགས་ཀྱང་འདུས་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་ཞི་ཧྥ་སྨན་ཁང་ལ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་སུ་གསལ་སྒྲོག་སྤེལ་ནས་ཞི་ཧྥ་སྨན་ཁང་ནས་ཧཱ་མཱ་སིའི་འཐབ་འཁྲུག་བཀོད་འདོམ་ལྟེ་གནས་དང་དམག་དོན་སྒྲིག་ཆས་སོགས་རྙེད་ཡོད་ཟེར། ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་དོན་དེ་ཁས་ལེན་བྱས་མེད།

ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཞི་ཧྥ་སྨན་ཁང་གི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།