ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པའི་སྨན་ཁང་གཅིག་པུ་ཨ་ཧི་ལེ་ཨ་རབ་སྨན་ཁང་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་མཐའ་ནས་བསྐོར་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་ཐན་ཁི་འཁོར་ལོའི་དམག་དཔུང་གིས་ཨ་ཧི་ལེ་ཨ་རབ་སྨན་ཁང་གི་ཉེ་འཁོར་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་དྲག་པོ་བྱུང་བ་དང་། ཡུལ་དངོས་ནས་མེ་མདའ་དང་འགས་གཏོར་གྱི་སྒྲ་ཆེན་པོ་བར་མཚམས་མེད་པར་གྲགས་བཞིན་ཡོད་ཟེར།
ཟླ་གསར་དམར་པོ་ཚོགས་པས་གསལ་སྒྲོག་ནང་བཤད་རྒྱུར། རང་གི་ལས་བྱེད་མི་སྣ་དག་མིག་སྔར་སྨན་ཁང་དེར་སོང་ནས་རྨས་མར་གསོ་བཅོས་བྱེད་ཐབས་མེད་ཟེར།
ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་ཞི་ཧྥ་སྨན་ཁང་གི་མགོ་བ་སཱ་ལེ་མུས་ཡཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་བསྟུད་མར་ཉིན་གཉིས་པར་ཞི་ཧྥ་སྨན་ཁང་ལ་དཔུང་འཇུག་བྱས་དང་། མིག་སྔར་མི་སྟོང་ཕྲག་ལྷག་སྨན་ཁང་དུ་ཁགས་ཡོད་ལ། ཟས་རིགས་དང་འཐུང་ཆུ་མཁོ་འདོན་བྱེད་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།