ཨུ་རུ་སིས་རྡོ་སྣུམ་ཕྱིར་གཏོང་གཏན་འགོག་བྱེད་པའི་གནས་སྐབས་བཀའ་རྒྱ་མེད་པར་བཏང་།
2023.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨུ་རུ་སིའི་ནུས་ཁུངས་པུའུ་ཡིས་ཚེས་བཅུ་བདུན་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཉིན་དེ་ནས་བཟུང་རྡོ་སྣུམ་ཕྱིར་གཏོང་གཏན་འགོག་བྱེད་པའི་གནས་སྐབས་བཀའ་རྒྱ་མེད་པར་གཏོང་རྒྱུ་ཐག་བཅད།

ཨུ་རུ་སིའི་ནུས་ཁུངས་པུའུ་ཡི་དྲ་ཚིགས་ནས་སྤེལ་བའི་གནས་ཚུལ་ལྟར་ན། རྡོ་སྣུམ་གྱི་ཕྱིར་གཏོང་གཏན་འགོག་བྱེད་པའི་གནས་སྐབས་བཀའ་རྒྱ་མེད་པར་བཏང་བའི་རྒྱུ་མཚན་ནི་ཨུ་རུ་སི་རྒྱལ་ནང་གི་རྡོ་སྣུམ་ཚོང་རའི་མཁོ་འདོན་ལ་ལྷག་མ་བྱུང་བའི་དབང་གིས་ཡིན་ཟེར། ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་རྡོ་སྣུམ་ཕྱིར་གཏོང་གཏན་འགོག་བྱེད་པའི་གནས་སྐབས་བཀའ་རྒྱ་ལག་བསྟར་བྱས་པའི་ཚུན་ལ། རླངས་འཁོར་ལ་བཀོལ་བའི་རྡོ་སྣུམ་གྱི་ཉོ་ཚོང་ཁང་གི་སྡེབ་འཚོང་རིན་གོང་ལྡབ་འགྱུར་གྱིས་ཇེ་དམའ་རུ་སོང་བ་དང་། ཨུ་རུ་སིའི་རྡོ་སྣུམ་གསོག་ཉར་བྱས་ཚད་ཏུན་ས་ཡ་གཉིས་ཙམ་ལ་བསླེབས་ཡོད་པ་རེད།

ཨུ་རུ་སིའི་ནུས་ཁུངས་པུའུ་ཀྲང་གིས་བསྟན་དོན། མུ་མཐུད་དུ་ཐོན་སྐྱེད་དང་རིན་གོང་གི་དམིགས་ཚད་ལ་ལྟ་ཞིབ་བྱས་ཏེ། རྒྱལ་ནང་ཚོང་རས་མྱུར་མོར་བྱེད་ཐབས་སྤྱོད་པར་འགན་སྲུང་བྱེད་རྒྱུ་སྟབས་བདེ་བཟོ་དགོས་ལ། དགོས་ངེས་ཡོད་དུས་རྡོ་སྣུམ་ཕྱིར་གཏོང་གཏན་འགོག་བྱེད་པའི་བཀའ་རྒྱ་སླར་གསོ་བྱེད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།