ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་ཁྲི་གཅིག་དང་སྟོང་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གསུམ་ལྷག་ལ་རྨས་ཕོག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འདས་པོའི་ཁྲོད་དུ་བྱིས་པ་སྟོང་ལྔ་ལྷག་ཡོད་པ་དང་བུད་མེད་སྟོང་གསུམ་དང་སུམ་བརྒྱ་ལྷག་ཡོད། གཞན་ཡང་མི་སྟོང་གསུམ་དང་བདུན་བརྒྱ་ལྔ་བཅུ་ཙམ་གར་སོང་རྙེད་མེད་ཟེར།
ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་སོ་སོར་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ཡུལ་གྱར་བའི་སྒར་ས་ཅེ་པཱ་ལེ་ཡེ་དང་དབུས་ཕྱོགས་ཀྱི་ཡུལ་གྱར་བའི་སྒར་ས་ནོའུ་སེ་ལའེ་ཐི་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར།
གཞན་ཡང་ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞེ་པའོ་ལོན་དང་ཅེ་ཉིང་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།