དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བའི་གྲོས་མཐུན་འགོད་ཐུབ་མེད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གནད་དོན་དེ་དང་འབྲེལ་བའི་གནས་ཚུལ་རྫུན་མ་མང་བོ་བསྒྲག་གིན་ཡོད་ཀྱང་། མིག་སྔའི་བར་དུ་གྲོས་མཐུན་འགོད་ཐུབ་མེད། གལ་ཏེ་གྲོས་མཐུན་བཀོད་ན། དབྱི་སི་རལ་གྱི་མང་ཚོགས་ལ་ཁྱབ་སྒྲོག་བྱེད་ངེས་ཡིན་ཟེར།
དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་དང་ཧཱ་མཱ་སི་ཡིས་ཕྱོགས་གཉིས་ཀྱིས་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བའི་གྲོས་མོལ་ཐད་ནས་གྲུབ་འབྲས་བླངས་ཡོད་ཀྱང་། མིག་སྔར་གྲོས་མཐུན་བཀོད་མེད་ཟེར། ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཁཱ་སིང་སྟོང་ཤོག་གིས་བར་འདུམ་ཕྱོགས་ལ་བརྡ་བཏང་སྟེ། ཉིན་ལྔའི་རིང་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་བཞག་ན་ཆེས་མང་ན་བཀག་འཇུག་བྱས་པའི་བུད་མེད་དང་བྱིས་པ་བདུན་ཅུ་ཕྱིར་བཏང་ཆོག་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།