དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ཡུལ་གྱར་བའི་སྒར་ས་ཞིག་གི་སློབ་གྲྭར་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བརྒྱ་རྐྱེན་ལམ་དུ་ཤོར།
2023.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཕཱ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ཅེ་པཱ་ལེ་ཡེ་ཡུལ་གྱར་བའི་སྒར་སའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས། གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་ལས་ཉུང་མཐར་ཡང་མི་བརྒྱ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ཧིན་རྡུ་ཉི་ཞི་ཡཱའི་སྨན་ཁང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། འཇབ་རྒོལ་དེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད། མིག་སྔར་རྨས་ཕོག་པའི་མི་མི་ཉུང་བ་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པ་དང་། མི་མང་བོ་ཞིག་རོའི་འོག་ཏུ་མནན་ཡོད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་སྐབས་འགྲོ་སའི་ཁྱིམ་མེད་པའི་མི་བརྒྱ་ཕྲག་འགའ་སློབ་གྲྭ་དེའི་ནང་བསྡད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།