ཁཱ་ཐར་དང་པཱ་ལིན་གྱི་མགོ་ཁྲིད་པས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
2023.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཚེས་བཅུ་བདུན་ཉིན་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན།ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་པཱ་ལིན་གྱི་རྒྱལ་ས་མེད་ནཱ་མེད་དུ་འབྱོར་ནས་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། དེ་ནི་ད་ལོའི་ཟླ་བཞི་བར་རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པའི་ཚུན་ལ། ཁཱ་ཐར་སྲིད་གཞུང་གི་མགོ་གཙོས་ཐོག་དང་པོར་པཱ་ལིན་དུ་འཚམས་འདྲི་བྱས་པ་རེད། ཉིན་དེར་ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་དང་པཱ་ལིན་གྱི་རྒྱལ་བོ་ཧཱ་མཱ་ཏི་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་གཞི་གཅིག་ཅན་གྱི་མཉམ་ལས་རྒྱ་བསྐྱེད་དེ། ཁྱབ་ཁོངས་སོ་སོའི་ཐུན་མོང་འགུལ་སྐྱོད་ལ་ཤུགས་སྣོན་དགོས་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།