ཧིན་རྡུ་ཉི་ཞི་ཡཱའི་བཀྲ་ཝ་ཤར་མ་ཞིང་ཆེན་གྱི་ལུའུ་མཱ་ཅང་ས་ཁུལ་དུ་ཚེས19ཉིན་གྱི་དགོང་མོར་མེ་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག
ཧིན་རྡུ་ཉི་ཞི་ཡཱའི་བཀྲ་ཝ་ཤར་མ་ཞིང་ཆེན་གྱི་རྒུད་སྐྱོབ་གཞུང་སྒྲུབ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ས་དེའི་དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་འགོག་ར་མེད་པའི་ལྕགས་ལམ་གྱི་ལམ་ཁ་ཞིག་བརྒྱུད་སྐབས། བགྲོད་བཞིན་པའི་མེ་འཁོར་དང་ཐོ་བརྒྱབ་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད་ཟེར།
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།