ཀུའུ་ཐི་ལོས་སི་ཡིས་ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་མགོ་འཛིན་བྱས་ཏེ་འཕེལ་རྒྱས་བརྗོད་སྙིང་ཡིན་པའི་དཔྱད་གླེང་ཚོགས་འདུ་བསྡུས་པར་བཀའ་དྲིན་ཞུས།
2023.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉི་ཤུ་ཉིན་ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་མགོ་འཛིན་བྱས་ཏེ་ཐུན་མོང་འཕེལ་རྒྱས་ཀྱིས་ཡུན་རིང་ཞི་བདེ་ལ་སྐུལ་འདེད་གཏོང་བ་བརྗོད་སྙིང་ཡིན་པའི་དཔྱད་གླེང་ཚོགས་འདུ་བསྡུས་ནས། འཕེལ་རྒྱས་ནི་རེ་བའི་ཕྱོགས་སུ་འཐེན་པའི་རྒྱུ་ལམ་ཡིན་པར་ནན་བཤད་བྱས་པར་བཀའ་དྲིན་ཞུས།

ཀུའུ་ཐི་ལོས་སི་ཡིས་ཚོགས་ཐོག་ནས་བཤད་རྒྱུར། གལ་ཏེ་མི་སུ་ཡིན་ཡང་རྗེས་སུ་མི་བསྐྱུར་བའི་དཀྱེལ་ཡངས་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་མེད་ན། ངེས་པ་དོན་གྱི་ཞི་བདེ་ལ་འགན་སྲུང་བྱེད་ཐབས་མེད། དེ་ནི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དམིགས་འབེན་བཅུ་བདུན་དང་གཅིག་མཐུན་དུ་གྱུར་ཡོད། དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད། འབྲུ་རིགས་བདེ་འཇགས་དང་སློབ་གསོའི་རྩལ་ནུས་གསོ་སྐྱོང་། སྨན་བཅོས་བདེ་སྲུང་། སྤྱི་ཚོགས་སྲུང་སྐྱོབ་བཅས་ལ་མཐོང་ཆེན་བྱས་ཏེ། མི་ཚང་མར་ལ་རྒྱ་ཡོད་པར་བྱེད་དགོས། ངེས་པར་དུ་མཐུན་སྦྱོར་འགུལ་སྐྱོད་སྤེལ་ནས་རྒྱུན་མཐུད་དང་དཀྱེལ་ཡངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ལོ་རེར་མེ་སྒོར་ཁྲག་ཁྲིག་ལྔའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་སྐུལ་སྤེལ་བྱེད་པའི་ཇུས་གཞིར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ང་ཚོས་ངེས་པར་དུ་ལྡོག་ཕྱོགས་ཀྱི་གྲུབ་འབྲས་མ་གཏོགས་མི་ཐོབ་པའི་གཏན་ཚིགས་དེ་བསྐྱུར་ནས་ཡང་བསྐྱར་མཉམ་ལས་བྱེད་པར་ཁས་ལེན་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་བསྒྱུར།