ཧན་གོའི་ཙུང་ལི་ཧན་ཏི་ཀྲུའུ་ཡིས་ཚེས་ཉེར་གཉིས་ཉིན་ཧྲིག་ཨར་ནས་མགོ་འཛིན་བྱས་ཏེ་གནས་སྐབས་ཀྱི་རྒྱལ་སྲིད་གྲོས་ཚོགས་བསྡུས་ཏེ། གྲོས་ཚོགས་ནས་བརྡས་ཐག་བཅད་དེ་པན་མིན་ཏེན་གྱི་བསྒྲགས་གཏམ་གྱི་དམག་དོན་ཁྱབ་ཁོངས་ཀྱི་ལག་བསྟར་གྲོས་མཐུན་སྐོར་ཞིག་མཚམས་འཇོག་པའི་ཇུས་གཞིར་གྲོས་མཐུན་བཀོད།
ཧན་ཏི་ཀྲུའུ་ཡིས་ཉིན་དེར་གྲོས་ཚོགས་སྟེང་བསྟན་དོན། ཧན་གོ་དང་ཁྲའོ་ཞན་གྱིས་ཡིད་ཆེས་སླར་གསོ་མ་བྱས་གོང་། ཧན་གོ་ཕྱོགས་ཀྱིས་པན་མིན་ཏེན་གྱི་བསྒྲགས་གཏམ་གྱི་དམག་དོན་ཁྱབ་ཁོངས་ཀྱི་ལག་བསྟར་གྲོས་མཐུན་གྱི་བྱེད་ནུས་སྐོར་ཞིག་མཚམས་འཇོག་རྒྱུ་ཡིན་ལ། དེ་ནི་ཧན་གོ་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དུ་བཏོན་པའི་དགོས་ངེས་ཀྱི་བྱེད་ཐབས་ཡིན་པ་དང་། ཧན་གོའི་བཅའ་ཁྲིམས་གཞིར་བཟུང་ནས་སྤྱད་པའི་བྱེད་ཐབས་ཤིག་ཀྱང་ཡིན་ཟེར།
ཧན་ཏི་ཀྲུའུ་ཡིས་བཤད་རྒྱུར། པན་མིན་ཏེན་གྱི་བསྒྲགས་གཏམ་གྱི་དམག་དོན་ཁྱབ་ཁོངས་ཀྱི་ལག་བསྟར་གྲོས་མཐུན་གྱི་ནང་དོན་སྐོར་ཞིག་མཚམས་བཞག་རྗེས། ཧན་གོ་ཕྱོགས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་རྒྱལ་མཚམས་ནས་ཁྲའོ་ཞན་ལ་མྱུལ་ཞིབ་དང་ལྟ་རྟོག་བྱེད་པའི་བྱ་འགུལ་མྱུར་དུ་སླར་གསོ་བྱེད་རྒྱུ་ཡིན་ལ། ཧན་གོའི་དམག་དཔུང་གིས་ཁྲའོ་ཞན་གྱི་འཇིགས་ཉེན་དམིགས་འབེན་གྱི་གསལ་འབྱེད་ནུས་པ་དང་དེ་ཐག་གཅོད་བྱེད་པར་སྔར་ལས་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།