ཟླ11ཚེས23ཉིན། ཨེ་ཀྭ་ཏོར་གྱི་གསར་དུ་བདམས་པའི་ཙུང་ཐུང་ནོའུ་བོ་ཡཱ་ཡིས་རྒྱལ་ས་ཅི་ཏའོ་ནས་ལས་འགན་ཁུར་བའི་གཏམ་བཤད་སྤེལ།
ཨེ་ཀྭ་ཏོར་གྱི་གསར་དུ་བདམས་པའི་ཙུང་ཐུང་ནོའུ་བོ་ཡཱ་ཡིས་ཚེས་ཉེར་གསུམ་ཉིན་རྒྱལ་ས་ཅི་ཏའོ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། འགན་ཡུན་ནི་ཉིས་སྟོང་ཉེར་ལྔ་ལོའི་ཟླ་ལྔ་བའི་བར་རེད།
ནོའུ་བོ་ཡཱ་ཡིས་ཉིན་དེར་གྲོས་ཁང་ནས་སྤེལ་བའི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཁོས་ཨེ་ཀྭ་ཏོར་གྱི་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། ན་གཞོན་དག་གི་སྟོབས་ཤུགས་ལ་རང་ཉིད་ཡིད་ཆེས་ཡོད་པ་དང་། དེ་ལ་བརྟེན་ནས་དྲག་ཤུགས་ཇེ་ཉུང་དུ་གཏོང་བ་དང་གོང་འཕེལ་གཏོང་བ་དམིགས་འབེན་གཙོ་བོར་བྱས་པའི་རྒྱལ་བ་འཛུགས་ཐུབ་ཟེར། ཁོས་ཕྱོགས་སོ་སོས་མཐུན་སྒྲིལ་བྱེད་པ་དང་མི་མཐུན་པའི་སྣང་ཚུལ་བསྐྱུར་ནས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ནོའུ་བོ་ཡཱ་ད་ལོར་ལོ་སོ་ལྔ་ཡིན་པ་དང་། ཨེ་ཀྭ་ཏོར་གྱི་ལོ་རྒྱུས་སྟེང་ཆེས་ན་གཞོན་པའི་ཙུང་ཐུང་ཡིན། ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་སྤེལ་བའི་ཨེ་ཀྭ་ཏོར་གྱི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ནོའུ་བོ་ཡཱ་གཡོན་ཕྱོགས་སྤྱི་དམངས་གསར་བརྗེའི་ཙུང་ཐུང་གི་འདེམ་སྒུག་པ་ཀང་སཱ་ལོས་སི་ལས་རྣམ་པར་རྒྱལ་ནས། ཨེ་ཀྭ་ཏོར་གྱི་ཙུང་ཐུང་དུ་བདམས་ཐོན་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།