ཞི་བདེ་རྒྱ་མཚོ་ཆེན་མོ་ནུབ་མར་གནས་པའི་མཱ་ལི་ཡཱ་ནཱ་བྱང་མ་གླིང་ཚོམས་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་ཉེར་བཞི་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་ཐེབས་པའམ་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་པེ་ཅིང་དུས་ཚོད་ཀྱི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ལྔའི་སྟེང་བྱུང་བ་དང་། ས་ཡོམ་དེའི་གཏིང་ཚད་ལ་སྤྱི་ལེ་བཅུ་དྲུག་ཡོད་ཟེར།
མཱ་ལི་ཡཱ་ནཱ་བྱང་མ་གླིང་ཚོམས་དེ་ནི་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་གྱི་མངའ་ཁོངས་ཡིན་ལ། ལྟེ་གནས་གྲོང་ཁྱེར་ནི་སེ་པན་གླིང་ཕྲན་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།