ཁཱ་ཐར་གྱིས་ཧཱ་མཱ་སི་དང་དབྱི་སི་རལ་གྱིས་མུ་མཐུད་དུ་སྐོར་ཐེངས་གཉིས་པའི་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་རྒྱུ་ཁས་ལེན་བྱས།
2023.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཉིན་དེར་སྐོར་ཐེངས་གཉིས་པའི་བཀག་འཇུག་མི་སྣའི་བརྗེ་སྤོར་བྱ་བ་རྗེས་སུ་སྣུར།

ཁཱ་ཐར་དང་ཨེ་ཅིབ་ཀྱི་བར་འདུམ་བྱས་འོག འབྲེལ་ཡོད་ཀྱི་བཀག་རྒྱ་མེད་པར་བཏང་ཡོད། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་ཕཱ་ལེ་སི་ཐན་གྱི་མི་སོ་དགུ་ཕྱིར་བཏང་བ་དང་། ཞོར་དུ་བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་མི་བཅུ་གསུམ་དང་ཕྱི་འབྲེལ་གྱི་མི་བདུན་ཅཱ་ཧྲ་ས་ཁུལ་དང་འབྲལ་དུ་འཇུག་རྒྱུ་ཡིན་ཟེར། ཧཱ་མཱ་སི་ཡིས་དེའི་རྗེས་སུ་འབྲེལ་ཡོད་ཀྱི་བཀག་འཇུག་མི་སྣའི་བརྗེ་སྤོར་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཡིན་པ་བདེན་དཔང་བྱས།

ཉིན་དེའི་སྔ་དྲོར། ཧཱ་མཱ་སི་ཡི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་གསལ་སྒྲོག་སྤེལ་ནས། ཧཱ་མཱ་སི་ཡིས་དབྱི་སི་རལ་གྱིས་ིམི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་རག་བར་དུ་སྐོར་ཐེངས་གཉིས་པའི་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་བྱ་བ་རྗེས་སུ་སྣུར་རྒྱུ་ཐག་བཅད་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།