ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་ཞོགས་པར། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་ཀྲུང་དབྱང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་མའོ་སི་ཁོ་མངའ་སྡེ་དང་ཐུའུ་ལཱ་མངའ་སྡེ། ཁཱ་ལུའུ་ཅཱ་མངའ་སྡེ། པུའུ་ལིང་སི་ཁི་མངའ་སྡེ་བཅས་ཀྱི་བར་སྣང་ནས་ཝུའུ་ཁི་ལན་ཕྱོགས་ཀྱི་མི་བསྡད་མེད་པའི་གནམ་གྲུ་དགུ་རྨེག་མེད་དུ་བཏང་ཡོད་ཟེར།
མའོ་སི་ཁོ་གྲོང་ཁྱེར་གྱི་ཧྲི་ཀྲང་སོ་པུས་ཡཱ་ཉིང་གིས་དེའི་སྔོན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཚེས་ཉེར་དྲུག་ཉིན་གྱི་ཞོགས་པར། མའོ་སི་ཁོ་རུ་འཕུར་ཡོང་བའི་མི་བསྡད་མེད་པའི་གནམ་གྲུ་འགའ་མའོ་སི་ཁོ་མངའ་སྡེའི་བར་སྣང་ནས་བཀག་སྟེ་གཏོར་བ་དང་། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་བྱུང་མེད་ཟེར། པུའུ་ལིང་སི་ཁི་མངའ་སྡེའི་མགོ་བ་པའོ་ཀི་མཱ་ཙི་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཉིན་དེའི་ཞོགས་པར་མངའ་སྡེ་དེར་བཀོད་སྒྲིག་བྱས་པའི་ཡོད་པའི་མཁའ་སྲུང་མ་ལག་གིས་མི་བསྡད་མེད་པའི་གནམ་གྲུ་གཉིས་གཏོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།