སེ་ལཱ་རེ་ཨང་སྲིད་གཞུང་གིས་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ཉིན་དེའི་ཞོགས་པར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་གིས་རྒྱལ་ས་ཧྥོ་ལི་ཏོན་གྱི་དམག་སྒར་ཞིག་གི་དམག་ཆས་མཛོད་ཁང་ལ་འཇབ་རྒོལ་བྱས་པས། སྲིད་གཞུང་གིས་དེའི་རྗེས་སུ་རྒྱལ་ཡོངས་ཁྱབ་ཁོངས་སུ་མཚན་མགྲོན་འགོག་རྒྱུ་ཐག་བཅད་པ་ཡིན་ཟེར།
སེ་ལཱ་རེ་ཨང་གི་གསར་འགྱུར་དང་སྤྱི་དམངས་སློབ་གསོ་པུའུ་ཡིས་བསྒྲགས་པའི་བརྡ་ཐོ་ལྟར་ན། ཉིན་དེའི་ཞོགས་པར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་ཝེ་ཨར་པའོ་ཧྥུའུ་སི་དམག་སྒར་གྱི་དམག་ཆས་མཛོད་ཁང་དུ་བཙན་འཛུལ་བྱེད་རྩིས་བྱས། མིག་སྔར་དྲག་ཆས་མི་སྣ་མཐར་སྐྲོད་བཏང་ཡོད་ལ། སྲིད་གཞུང་དང་བདེ་འཇགས་དམག་དཔུང་གིས་གནས་བབ་ལ་ཚོད་འཛིན་བྱས་ཡོད་ཟེར།
བརྡ་ཐོ་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་མུ་མཐུད་དུ་དོགས་ཡོད་མི་སྣ་འཛིན་བཟུང་བྱེད་ཆེད། མྱུར་མོར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་མ་ཟད། མང་ཚོགས་དག་རང་ཁྱིམ་ནས་སྡོད་དགོས་པའི་གྲོས་གཞི་བཏོན། བརྡ་ཐོ་ལས་མཚན་མགྲོན་འགོག་པའི་དུས་ཡུན་གསལ་བོར་བསྒྲགས་མེད།
སེ་ལཱ་རེ་ཨང་གི་ཙུང་ཐུང་པུས་ཨོ་ཡིས་མི་སྒེར་གྱི་དྲ་ཚིགས་བརྒྱུད་དེ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བདེན་དཔང་བྱས་ཡོད་པ་དང་། མུ་མཐཐུད་དུ་སེ་ལཱ་རེ་ཨང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། གཏན་འཇགས་ལ་གཏོར་བརླག་གཏོང་རྩིས་ཡོད་པའི་སྟོབས་ཤུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།