ཞི་ལཱའི་ཙུང་ལི་ཡིས་དབྱིན་ཇིས་གནའ་བོའི་ཞི་ལཱའི་དངོས་རིག་ཕྱིར་སྤྲོད་དགོས་པའི་ཚུལ་བསྟན།
2023.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་ཡིས་ཚེས་ཉེར་དྲུག་ཉིན་དབྱིན་ཇིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཁོས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ནཱ་ཁི་དང་གྲོས་མོལ་བྱེད་སྐབས་དབྱིན་ཇིའི་རྟེན་མཛོད་ཁང་ཆེན་མོས་ཕཱ་ཐི་ནོང་ལྷ་ཁང་གི་རྡོ་ཀ་མ་རུའི་སྐུ་བརྙན་ཕྱིར་སྤྲོད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། མུས་ཙོ་ཐཱ་ཅི་སི་ཡིས་བཤད་རྒྱུར། འབྲེལ་ཡོད་གྲོས་མོལ་གྱི་གྲུབ་འབྲས་བཟང་རྒྱུ་མེད་ཀྱང་། ཞི་ལཱ་ཡིས་མུ་མཐུད་དུ་ཕྱིར་སྤྲོད་པའི་རེ་འདོད་རྒྱུན་འཁྱོངས་བྱེད་ངེས་ཡིན། ཕཱ་ཐི་ནོའུ་ལྷ་ཁང་གི་རྡོ་ཀ་མ་རུའི་སྐུ་བརྙན་ནི་ཞི་ལཱའི་ཡཱ་ཏེན་ཝེ་ཁྲིན་ནས་ཐོན་པ་དང་། ད་ལྟའི་བར་ལོ་ངོ་སྟོང་གཉིས་དང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་། ཞི་ལཱ་ཡིས་རྒྱུན་པར་ཕྱི་འབྲེལ་སོགས་ཀྱི་ཐབས་ལ་བརྟེན་ནས་དབྱིན་ཇིའི་རྟེན་མཛོད་ཁང་གིས་ཕཱ་ཐི་ནོང་ལྷ་ཁང་གི་སྐུ་བརྙན་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན་མྱོང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།