ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་མང་བོར་ཉེ་སྔོན་གངས་རླུང་དྲག་པོའི་ནམ་ཟླ་བྱུང་སྟེ། ས་ཁུལ་མང་བོའི་གློག་ཤུགས་དང་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཐེབས་ཡོད། དེའི་ནང་པུར་ཀ་རི་ཡཱའི་ས་ཁུལ་མང་ཆེ་བས་ཚེས་ཉེར་དྲུག་ཉིན་ནས་དོགས་ཟོན་མཐོར་འདེགས་བྱས་ཡོད། ནམ་ཟླ་ལས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་ལས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་དྲུག་ལ་རྨས་ཕོག་ཡོད། རོ་མཱ་ནི་ཡཱ་དང་མའོ་ཨར་ཏའོ་ཝ་རུ་ཡང་གངས་རླུང་གི་ནམ་ཟླ་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ས་ཁུལ་བརྒྱ་ལྷག་ལ་གློག་ཆད། རོ་མཱ་ནི་ཡཱའི་ཤར་ཕྱོགས་ཀྱི་ས་ཁུལ་མང་བོར་ནམ་ཟླའི་ཉེན་བརྡ་དམར་པོ་བཏང་ཡོད་ལ། རྒྱལ་ལམ་སྐོར་ཞིག་བཀག་སྡོམ་བྱས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།