ཁཱ་ཐར་གྱིས་ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཉིན་གཉིས་ཀྱིས་ཇེ་རིང་དུ་གཏོང་བར་ཡིད་འཐད་བྱུང་ཡོད་པའི་ཚུལ་བསྟན།
2023.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཉིན་གཉིས་ཀྱིས་ཇེ་རིང་དུ་གཏོང་བར་ཡིད་འཐད་བྱུང་ཡོད་ཟེར། ཧཱ་མཱ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་དང་ཨེ་ཅིབ། ཁཱ་ཐར་བཅས་ཀྱིས་གྲོས་མཐུན་བཀོད་དེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཉིན་གཉིས་ཀྱིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།