མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་ལ་གདེང་འཇོག་ཆེན་པོ་བྱས།
2023.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཝམཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྐབས་ཉི་ཤུ་བའི་ཚོགས་ཆེན་སྐབས་སུ། ཝེ་ཡེ་ནཱའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་ཝེ་ཡེ་ནཱ་རྒྱལ་སྤྱིའི་ལྟེ་གནས་སུ་ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་དགོས་ཞེས་པའི་བགྲོ་གླེང་ཚོགས་འདུ་བསྡུས། ཀྲུང་གོའི་འཐུས་མིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་བཏོན་ནས་ལོ་གཉིས་འགོར་བའི་རིང་ལ། དེའི་ཤུགས་རྐྱེན་བསྟུད་མར་ཇེ་ཆེར་སོང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་བོར་དེའི་ཁྲོད་ཁེ་ཕན་ཐོབ་ཡོད། མིག་སྔར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་ལྷག་གིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་མུའུ་ལེ་ཡིས་གཏམ་བཤད་སྤེལ་སྐབས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་ལ་གདེང་འཇོག་ཆེན་པོ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།