ཁུན་ནེ་ཡཱ་རུ་ཆུ་ལོག་བྱུང་ནས་མི་བརྒྱ་དང་ཉི་ཤུ་རྐྱེན་ལམ་དུ་ཤོར།
2023.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཁུན་ནེ་ཡཱའི་ནང་སྲིད་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཨོ་མའོ་ལོ་ཡིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། བསྟུད་མར་དྲག་ཆར་བབས་པ་ལས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི་བརྒྱ་དང་ཉི་ཤུ་རྐྱེན་ལམ་དུ་ཤོར་ཟེར།

ཨོ་མའོ་ལོ་ཡིས་བཤད་རྒྱུར། མིག་སྔར་ཁུན་ནེ་ཡཱ་ཡི་ཁྱིམ་ཚང་ཁྲི་བརྒྱད་དང་སྟོང་དགུ་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ནས། གནས་སྐབས་ཀྱི་སྒར་ས་བརྒྱ་དང་བཅུ་གཉིས་ལ་བཀོད་སྒྲིག་བྱས་ཡོད། དེའི་ནང་ཤར་ཕྱོགས་ཀྱི་ཐཱ་ནཱ་ཧི་དང་ཅཱ་ལི་སཱ། ཝ་ཅི་ཨར། མན་ཏི་ལཱ་བཅས་རྫོང་བཞིར་གནོད་འཚེ་ཐེབས་ཧ་ཅང་ཚབས་ཆེན་ཡིན་ལ། གཞན་ཡང་རྫོང་ཁག་བཅུ་ཡིས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར།

ཨོ་མའོ་ལོ་ཡིས་བསྟན་དོན། མིག་སྔར་ཁུན་ནེ་ཡཱའི་སྲིད་གཞུང་གིས་ཆུ་ལོག་སྔོན་འགོག་འཕྲལ་སྒྲུབ་དང་འཕྲིན་གཏོང་བཀོད་འདོམ་ལྟེ་གནས་བཙུགས་ཏེ། སྔ་མོ་ནས་ཉེན་བརྡ་གཏོང་བ་དང་གནོད་འཚེ་ཚད་འཇལ་བྱེད་པ། རྒུད་སྐྱོབ་རོགས་ལས་བྱེད་པ་བཅས་ལ་བརྟེན་ནས་གནོད་འཚེའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས་ཟེར།

ཨིག་ཨར་ནེ་ནོའུ་སྣང་ཚུལ་གྱི་ཤུགས་རྐྱེན་དབང་གིས་ཁུན་ནེ་ཡཱ་རུ་ཟླ་བཅུ་བའི་ཟླ་དཀྱིལ་ནས་བཟུང་ཆར་ཆུ་འབབ་ཚད་ཇེ་མང་དུ་སོང་བ་དང་། ས་ཁུལ་མང་བོར་ཆུ་ལོག་གི་གནོད་པ་ཚབས་ཆེན་ཐེབས་པ་རེད། ཁུན་ནེ་ཡཱའི་རྒུད་སྐྱོབ་ལས་ཁུངས་ཀྱིས་བཤད་རྒྱུར། སྡོད་ཁང་སྟོང་ཕྲག་འགའ་ཆུར་ཁུར་བ་དང་ཞིང་ས་རྒྱ་ཆེན་པོར་ཆུས་བསྣུབས་ཡོད་ལ། སྒོ་ཕྱུགས་མང་བོའི་གྱོང་གུད་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།