ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་ཉེར་བརྒྱད་ཉིན་བརྙན་འཕྲིན་ལེ་ཚན་ཞིག་གི་ནང་བསྟན་དོན། ཨ་མེ་རི་ཁའི་ཝེ་ནེ་ཙུའེ་ལཱ་ལག་བསྟར་བྱས་པའི་གནོན་ཤུགས་ཆེ་བའི་བཀག་སྡོམ་ལས་ཝེ་ནེ་ཙུའེ་ལཱའི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་ལ། ཁོས་ཨ་མེ་རི་ཁས་བཀག་སྡོམ་བྱེད་ཐབས་ཡོད་ཚད་མེད་པར་བཏང་སྟེ། བཙན་སྐུལ་བྱ་སྤྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཟེར། མཱ་ཏུའུ་ལོ་ཡིས་ད་རུང་བསྟན་དོན། ཝེ་ནེ་ཙུའེ་ལཱའི་བཀག་སྡོམ་བྱེད་ཐབས་ཚང་མ་དུས་གཏན་དུ་མེད་པར་གཏོང་བའི་གནས་ཚུལ་འོག ཝེ་ནེ་ཙུའེ་ལཱ་དང་ཨ་མེ་རི་ཁའི་བར་ཕན་ཚུན་བརྩི་འཇོག་དང་མཉམ་ལས་བྱེད་པའི་འབྲེལ་བ་འཛུགས་པར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།