ཕོ་ལན་ལྷོ་ཕྱོགས་ས་ཁུལ་གྱི་སོལ་གཏེར་ཞིག་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།
2023.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཕོ་ལན་འཕྲིན་གཏོང་ཁང་གིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། ཕོ་ལན་ལྷོ་ཕྱོགས་ཀྱི་ཞི་ལི་ཞི་ཡཱ་ཞིང་ཆེན་གྱི་སོལ་གཏེར་ཞིག་ནས་ཚེས་ཉེར་བརྒྱད་ཉིན་སྦུག་ལམ་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཟེར།

ཕོ་ལན་རྒྱལ་ཁབ་གཏེར་ལས་ཅུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། བཟོ་བ་དྲུག་གིས་ཞི་ལི་ཞི་ཡཱ་ཞིང་ཆེན་གྱི་ཡཱ་བོ་རི་ནོའུ་གྲོང་ཁྱེར་གྱི་སོ་པེ་སི་ཅི་སོལ་གཏེར་གྱི་གཏེར་ཁྲོན་ནང་སྦུག་ལམ་ས་འོག་ཏུ་འཇུག་བཞིན་པའི་སྐབས་སུ། སྦུག་ལམ་འགས་གཏོར་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཅིག་དུས་ཚོད་འགར་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

སོ་པེ་སི་ཅི་སོལ་གཏེར་གྱི་བདག་པོ་ཐའོ་ལུང་ཀུང་ཟི་ཡིས་བཤད་རྒྱུར། དོན་རྐྱེན་དེ་གཏེར་ཁྲོན་གྱི་སྨིད་དྲུག་བརྒྱའི་མཚམས་སུ་བྱུང་བ་ཡིན་ལ། རྨས་ཕོག་པའི་བཟོ་བ་གཉིས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།