དབྱི་སི་རལ་དམག་ཕྱོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་བཤད་རྒྱུར། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཕྱིར་བཏང་བའི་སྐོར་ཐེངས་བདུན་པའི་བཀག་འཇུག་མི་སྣ་དང་ལེན་བྱས་པ་དང་། གཞན་ཡང་ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་སྐོར་ཐེངས་བདུན་པའི་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་ཕྱིར་བཏང་ཡོད་ཟེར།
དབྱི་སི་རལ་ཕྱོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་ཕྱིར་བཏང་བའི་བཀག་འཇུག་མི་སྣ་དྲུག་དང་ལེན་བྱས་པ་དང་། དབྱི་སི་རལ་དམག་ཕྱོགས་དང་གསང་འཕྲིན་སྡེ་ཁག་གི་མི་སྣས་ཁོ་ཚོར་འགྲོ་རོགས་བྱས་ནས་དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཧཱ་ཐི་ཙེ་ལི་མུའུ་མཁའ་དམག་རྟེན་གཞིར་སོང་ཡོད་ལ། ལུས་ཕུང་བརྟག་དཔྱད་བྱས་རྗེས་ཕྱིར་བཏང་བའི་མི་སྣ་དག་ཁྱིམ་མི་དང་ལྷན་འཛོམས་བྱེད་རྒྱུ་རེད།
ཉིན་དེའི་སྔ་དྲོར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཧཱ་མཱ་སི་ཡིས་ཕྱིར་བཏང་བའི་དབྱི་སི་རལ་གྱི་མི་གཞན་པ་གཉིས་དབྱི་སི་རལ་དུ་ལོག་པ་བདེན་དཔང་བྱས།
ཕྱེད་གླིང་བརྙན་འཕྲིན་ཁང་གིས་དེའི་རྗེས་སུ་བསྒྲགས་པ་ལྟར་ན། དབྱི་སི་རལ་དང་ཧཱ་མཱ་སི་ཡིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལྟར། དབྱི་སི་རལ་ཕྱོགས་ཀྱིས་སྐོར་ཐེངས་བདུན་པའི་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ་སུམ་ཅུ་ཕྱིར་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།