ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་སུམ་ཅུ་ཉིན་བར། ཨ་རབ་རྒྱལ་ཁབ་ཉི་ཤུ་ལྷག་གི་ཀྲུང་གོར་སྡོད་པའི་གཞུང་ཚབ་པའི་འཐུས་ཚབ་ཚོགས་པ་ཧེ་ནན་དུ་སོང་ནས་ལྟ་སྐོར་བྱས་པར་མ་ཟད་སྐབས་དང་པོའི་ཀྲུང་གོ་དང་ཨ་རབ་ཀྱི་ན་གཞོན་འཕེལ་རྒྱས་གླེང་སྟེགས་ལ་ཞུགས། གཞུང་ཚབ་པ་དག་གིས་སན་ཡཱ་དང་ཝུན་ཁྲང་། ཧེ་ཁུག་སོགས་ས་ཁུལ་དུ་རྟོག་ཞིབ་བྱས་པ་དང་། ཧེ་ནན་གྱིས་རང་དབང་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་དང་། ཚ་ཁུལ་གྱི་ཁྱད་ལྡན་ནུས་མཐོའི་ཞིང་ལས། མཁའ་འགྲུལ་མཐོ་གསར་ལག་རྩལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་བར་གྱི་སྐྱེ་ཁམས་དང་ཞིང་ལས། ན་གཞོན་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་པའི་ཚུལ་བསྟན།
སན་ཡཱའི་ཏཱ་མའོ་ཡོན་དབྱང་སྐྱེ་ཁམས་སྡེ་བ་ནས། གཞུང་ཚབ་པ་དག་གིས་ཞིང་ལས་ཚན་རྩལ་གསར་གཏོད་ལྟེ་གནས་སུ་མཐོ་གསར་ཚན་རྩལ་རིག་ནུས་ཀྱི་དྲོད་ཁང་སོགས་སྔོན་ཐོན་གྱི་ཞིང་ལས་སྒྲིག་ཆས་ཀྱི་འགུག་ཤུགས་ཉམས་སུ་མྱངས།
ཧེ་ནན་ཝུན་ཁྲང་དུ་ཡོད་པའི་ཀྲུང་གོའི་ཚ་ཁུལ་ཞིང་ལས་ཚན་རིག་གླིང་ཡེ་ཙི་ཞིབ་འཇུག་ཁང་གི་ཡེ་ཙོ་འདེབས་འཛུགས་རྟེན་གཞི་ནས། ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དག་གིས་ཀྲུང་གོའི་ཚ་ཁུལ་གྱི་ཞིང་ལས་ལག་རྩལ་གྱི་འཕེལ་རྒྱས་གནས་ཚུལ་དང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཨ་རབ་རྒྱལ་ཁབ་ཀྱི་ཡེ་ཙོ་ས་བོན་གྱི་ཐོན་ཁུངས་ཞིང་འཇུག་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་གནས་ཚུལ་ལ་རྒྱུས་ལོན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།