ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གཅིག་ཉིན་བསྟན་དོན། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་མི་གྲངས་ཁ་སྣོན་བྱས་པ་ནི་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བ་དང་བྱང་ཆིངས་རྩ་འཛུགས་ཀྱིས་བསྟུད་མར་རྒྱ་བསྐྱེད་བྱས་པ་ལས་ཨུ་རུ་སིར་ཐེབས་པའི་འཇིགས་ཉེན་ཇེ་ཆེར་སོང་བས་ཡིན་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་སྒྲིག་གཞིའི་མི་གྲངས་འབུམ་གཅིག་དང་ཁྲི་བདུན་ཁ་སྣོན་བྱས་ནས། ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཉིས་ལ་བསླེབས་ཡོད། སྒྲིག་གཞིའི་མི་གྲངས་ཁ་སྣོན་བྱས་པ་ནི་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བ་དང་བྱང་ཆིངས་རྩ་འཛུགས་ཀྱིས་བསྟུད་མར་རྒྱ་བསྐྱེད་བྱས་པ་ལས་ཨུ་རུ་སིར་ཐེབས་པའི་འཇིགས་ཉེན་ཇེ་ཆེར་སོང་བས་ཡིན་ཟེར།
བསྒྲགས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་མཐའ་མཚམས་དང་ཉེ་བའི་ས་ཁུལ་གྱི་དམག་ཤུགས་ཁ་སྣོན་བྱས་པ་དང་། སྔར་ལས་མང་བའི་མཁའ་སྲུང་མ་ལག་དང་ཆམ་ཕབ་གཏོང་བྱེད་ཀྱི་མཚོན་ཆ་མང་བོ་བཀོད་སྒྲིག་བྱེད་བཞིན་ཡོད་ལ། དེའི་ཞོར་དུ་བྱང་ཆིངས་རྩ་འཛུགས་ཀྱི་འཐབ་རྩལ་སྟོབས་ཤུགས་གཙོ་བོའི་སྦས་ཤུགས་སྔར་ལས་ཇེ་དྲག་ཏུ་འགྲོ་བཞིན་ཡོད། མིག་སྔའི་ཆ་རྐྱེན་འོག ཨུ་རུ་སི་ཡིས་དམག་མིའི་ཁ་གྲངས་ཇེ་མང་དུ་གཏོང་བ་ནི་བྱང་ཆིངས་རྩ་འཛུགས་ཀྱི་བཙན་འཛུལ་བྱ་སྤྱོད་ལ་དམིགས་པའི་ཚུལ་མཐུན་གྱི་རྣམ་འགྱུར་ཞིག་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།