མཱ་ཏཱ་ཀ་སི་ཁཱའི་མཐོ་རིམ་རྩ་ཁྲིམས་ཁྲིམས་ཁང་གིས་ལཱ་ཆའོ་ལེ་ནཱ་ཙུང་ཐུང་གསར་བར་བདམས་པ་ཁྱབ་བསྒྲགས་བྱས།
2023.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

མཱ་ཏཱ་ཀ་སི་ཁཱའི་མཐོ་རིམ་རྩ་ཁྲིམས་ཁྲིམས་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། མཱ་ཏཱ་ཀ་སི་ཁཱའི་སྔོན་ཆད་ཀྱི་ཙུང་ཐུང་ལཱ་ཆའོ་ལེ་ནཱ་ལ་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཕྱེད་གྲངས་ལས་བརྒལ་བའི་འདེམ་ཤོག་ཐོབ་ནས། ཡང་བསྐྱར་ཙུང་ཐུང་དུ་བདམས་ཐོན་བྱུང་ཟེར།

མཱ་ཏཱ་ཀ་སི་ཁཱའི་མཐོ་རིམ་རྩ་ཁྲིམས་ཁྲིམས་ཁང་གིས་ཉིན་དེར་རྒྱལ་ས་ཐཱ་ནཱ་ནཱ་ལེ་ཧྥོ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་གྱི་ཙུང་ཐུང་འདེམ་བསྐོའི་མཇུག་མཐའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། ལཱ་ཆའོ་ལེ་ནཱ་ལ་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་དགུ་དྲུག་གི་འདེམ་ཤོག་ཐོབ་ནས་ཙུང་ཐུང་གསར་བར་བདམས་ཐོན་བྱུང་ཟེར།

མཱ་ཏཱ་ཀ་སི་ཁཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་སྐབས་ཕྱེད་གྲངས་ལས་བརྒལ་བའི་འདེམ་ཤོག་ཐོབ་པའི་འདེམ་སྒུག་པ་ཐད་ཀར་དུ་ཙུང་ཐུང་ལ་གདམ་ཆོག་པ་རེད།

ལཱ་ཆའོ་ལེ་ནཱ་ཡིས་ཉིན་དེར་སྨྱན་བྱད་ལ་བསྟན་དོན། འགན་ཡུན་གསར་བའི་ནང་གི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་རང་གི་ཆེས་ཉམས་ཞན་གྱི་ཚོགས་ཁག་ལ་རོགས་རམ་བྱེད་པ་དང་བཟོ་ལས་ཅན་སླར་གསོ་བྱེད་པ་དེ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།