རྡོ་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་གཙོ་བོས་ཐོན་ཚད་སྔར་ལས་ཇེ་ཉུང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
2023.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གསལ་སྒྲོག་སྤེལ་ཏེ། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་བོས་སང་ལོའི་དུས་ཚིགས་དང་པོར་མུ་མཐུད་དུ་རང་འདོད་ལྟར་ཐོན་ཚད་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ཐོན་ཚད་ཇེ་ཉུང་དུ་བཏང་བའི་སྤྱི་འབོར་ཉིན་རེར་སྣུམ་ཟོ་ས་ཡ་གཉིས་དང་འབུམ་གཉིས་ཡིན་པ་རེད། དེའི་ནང་སོ་ཏི་ཨ་རབ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་སོ་སོར་རང་མོས་ལྟར་ཉིན་རེར་སྣུམ་ཟོ་ས་ཡ་གཅིག་དང་སྣུམ་ཟོ་འབུམ་ལྔ་ཇེ་ཉུང་དུ་གཏོང་རྒྱུ་རེད། ཚོང་རས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མདུན་ལྗོངས་མི་ལེགས་པར་སེམས་ཁུར་བྱེད་པའི་དབང་གིས་རྡོ་སྣུམ་གྱི་དགོས་མཁོར་ཤུགས་རྐྱེན་ཐེབས་ནས། རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་ཉེ་སྔོན་ཇེ་དམའ་རུ་སོང་ཡོད། ལོན་ཏོན་གྱི་པུའུ་ལོན་ཐི་མ་བཅོས་རྡོ་སྣུམ་གྱི་རིན་གོང་ད་ལོའི་ཟླ་དགུ་བའི་སྣུམ་ཟོ་རེར་མེ་སྒོར་དགུ་བཅུའི་ཡན་ནས་ཉེ་བའི་གཟའ་འཁོར་འགའི་རིང་སྣུམ་ཟོ་རེར་མེ་སྒོར་བརྒྱད་ཅུའི་ཡས་མས་སུ་ཇེ་དམར་སོང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།