དབྱི་ལིང་དང་ཨ་མན་གྱིས་མཉམ་འབྲེལ་གྱི་མཚོ་ཐོག་རྒུད་སྐྱོབ་སྦྱོང་བརྡར་སྤེལ།
2023.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

དབྱི་ལིང་གི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་དང་ཨ་མན་གྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ཧིན་རྡུ་རྒྱ་མཚོའི་བྱང་ངོས་དང་ཧའོ་ཨར་མུའུ་ཙི་མཚོ་འགག་ཉེ་འདབས་སུ་མཉམ་འབྲེལ་གྱི་མཚོ་ཐོག་རྒུད་སྐྱོབ་སྦྱོང་བརྡར་སྤེལ། སྦྱོང་བརྡར་དེའི་ནང་དོན་ལ་རྒྱལ་ཁབ་གཉིས་ཀྱི་དམག་བཀོལ་གྱེན་འཕུར་གནམ་གྲུས་མཚོ་ཁོངས་དེའི་མཚོ་ཐོག་འགྲིམ་འགྲུལ་ལ་ལྟ་རྟོག་བྱེད་པ་དང་། དབྱི་ལིང་གི་མི་བསྡད་མེད་པའི་གནམ་གྲུས་མྱུལ་ཞིབ་འཕུར་སྐྱོད་བྱེད་པ་སོགས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།