དབྱི་སི་རལ་གྱི་ཙུང་ལི་ཡིས་ཅཱ་ཧྲ་ས་ཁུལ་གྱི་ས་ངོས་འགུལ་སྐྱོད་ཁྱབ་རྒྱ་མུ་མཐུད་རྒྱ་བསྐྱེད་གཏོང་རྒྱུ་ཡིན་ཟེར།
2023.12.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉིས་ཡ་ཧུའུ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་ས་ངོས་ཀྱི་དམག་དོན་འགུལ་སྐྱོད་ཁྱབ་རྒྱ་མུ་མཐུད་ཆེ་རུ་བཏང་སྟེ། མངོན་འགྱུར་བྱེད་འོས་པའི་དམིགས་འབེན་ཚང་མ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།

ནེ་ཐ་ཉིས་ཡ་ཧྲུའུ་ཡིས་ཉིན་དེར་ཐི་ལ་ཝེ་ཧྥུའུ་ཅིས་ལིས་ཡའི་དམག་དོན་རྟེན་གཞི་རུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདིའི་སྟེང་བཤད་རྒྱུར། དུས་ཡུན་ཉིན་བདུན་རིང་གི་གནས་སྐབས་དམག་འཁྲུག་རྒྱག་མཚམས་འཇོག་པའི་སྐབས་སུ། ཕ་ལི་སི་ཐན་དྲག་ཆས་མི་སྣས་བཀག་འཇུག་བྱས་པའི་མི་བརྒྱ་དང་བཅུ་དངོས་སུ་བཏང་བ་དང་། དེའི་ཁྲོད་དུ་ཕྱི་རྒྱལ་གྱི་སྤྱི་དམངས་ཉེར་བཞི་ཡོད་ཟེར། ཁོས་བཤད་རྒྱུར། མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་ས་ངོས་དམག་དོན་འགུལ་སྐྱོད་མ་སྤེལ་ན། ད་དུང་བཀག་འཇུག་བྱས་པའི་མི་སྣ་སྐྱོབ་ཐབས་མེད་ཟེར། ཁོས་དབྱི་སི་རལ་གྱིས་ཡང་བསྐྱར་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།