ཧྥི་ལི་ཕིན་གྱི་སློབ་ཆེན་ཞིག་གི་ལུས་རྩལ་ཁང་དུ་འབར་གས་བྱུང་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་སྐྱོན་ཕོག
2023.12.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཧྥི་ལི་ཕིན་གྱི་སྨྱན་བྱད་ཀྱིས་ཚེས་གསུམ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧྥི་ལི་ཕིན་ལྷོ་རྒྱུད་ཀྱི་ནན་ལཱ་ནའོ་ཞིང་ཆེན་མཱ་ལ་ཝེ་གྲོང་ཁྱེར་གྱི་མེན་ལན་ལའོ་རྒྱལ་བཙུགས་སློབ་ཆེན་ལུས་རྩལ་ཁང་དུ། ཚེས་གསུམ་ཉིན་གྱི་སྔ་དྲོར་འབར་གས་བྱུང་ནས། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་སྐྱོན་ཕོག་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།