ལེ་པཱ་ནུན་གྱི་གསར་འགྱུར་པུའུ་ཀྲང་གིས་ཀྲུང་གོའི་བར་གྱི་སྨྱན་བྱད་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།
2023.12.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ལེ་པཱ་ནུན་གྱི་གསར་འགྱུར་པུའུ་ཀྲང་མཱ་ཁཱ་ལི་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ལེ་པཱ་ནུན་གྱིས་ཀྲུང་གོའི་བར་གྱི་སྨྱན་བྱད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

མཱ་ཁཱ་ལི་ཡིས་བཤད་རྒྱུར། སྐབས་ལྔ་བའི་འཛམ་གླིང་སྨྱན་བྱད་ཀྱི་མཐོ་རིམ་གྲོས་ཚོགས་ནི་ལེ་པཱ་ནུན་དང་ཀྲུང་གོའི་སྨྱན་བྱད་ཀྱིས་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བའི་སྟེགས་བུ་བཟང་བོ་ཞིག་ཡིན་ལ། ཁོས་ཀྲུང་གོའི་སྨྱན་བྱད་ལས་ཁུངས་བར་སྔར་ལས་གཏིང་ཟབ་པའི་བརྗེ་རེས་དང་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

མཱ་ཁཱ་ལི་ཡིས་བསྟན་དོན། སྨྱན་བྱད་ཀྱིས་རྒྱལ་སྤྱིའི་རྒྱུས་ལོན་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་གནད་འགག་གི་ནུས་པ་བཏོན་ཡོད་ཅིང་། སྨྱན་བྱད་ནི་ལེ་པཱ་ནུན་དང་ཀྲུང་གོའི་མཛའ་མཐུན་སྲུང་བའི་སྦྲེལ་ཐག་གལ་ཆེན་ཞིག་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་བསམ་བློ་བརྗེ་རེས་བྱེད་པའི་ཟམ་པ་ལྟ་བུ་ཞིག་ཡིན། ལེ་པཱ་ནུན་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས། སྨྱན་བྱད་དེ་རྒྱལ་ཁབ་གཉིས་ཀྱི་རིག་གནས་ཤེས་རྟོགས་ཇེ་ཟབ་ཏུ་འགྲོ་བ་དང་། ཕྱོགས་གཉིས་ཀྱི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་ཡོ་བྱད་ཅིག་ཏུ་གྱུར་སྲིད་ཟེར།

མཱ་ཁཱ་ལི་ཡིས་ལག་རྩལ་དང་གསར་གཏོད་ལ་བརྟེན་ནས་སྨྱན་བྱད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་བས་ཁེངས་ཡོད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་པ་དང་། ཁྱད་པར་དུ་རིག་གནས་དང་ཉོ་ཚོང་། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལ་སྦས་ཤུགས་ཆེན་པོ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།